Friday, March 11, 2011

རྩོམ་སྒྲིག་པའི་འཆར་སྣང་།

                    རྫོང་ཁ་གོང་འཕེལ་གཏང་གེ།

ཅིག་ཨིནམ་ལས་ རང་གི་གཅེས་པའི་བུ་བཟུམ་སྦེ་ བདག་འཛིན་འཐབ་ཐོག་ལས་ གོང་འཕེལ་གཏང་དགོ་
པའི་ འགན་ཁུར་འདི་ ང་བཅས་འབྲུག་པའི་མི་སེར་ཡོངས་ལུ་ ཕོགཔ་ཨིན་ཟེར་ཞུ་ནི།
ལྷག་པར་དུ་ དུས་ཚོད་ ད་རེས་བཟུམ་ཅིག་ནང་ ནུབ་ཕྱོགས་པའི་ལམ་སྲོལ་ མང་སུ་མང་སུ་ དར་ཁྱབ་
འགྱོ་བའི་དུས་ཚོད་ལུ་ རྫོང་ཁ་ལུ་ སྤྲོ་བ་མ་བསྐྱེད་པར་ ཕྱི་རྒྱལ་ཁབ་ཀྱི་སྐད་དང་ ལམ་སྲོལ་ལུ་རང་ སྤྲོ་བ་
ལེན་སྡོད་པ་ཅིན་ མ་འོངས་པ་ལུ་ ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་དང་ ལམ་སྲོལ་བཟང་པོ་འདི་
ཚུ་ གནས་སྟངས་ག་ཅི་བཟུམ་ཅིག་ནང་ ཐུག་ནི་ཨིན་ན་ མནོ་བསམ་གཏང་དགོཔ་འདུག་ཟེར་ཞུ་ནི།
དེ་བཟུམ་སྦེ་ མ་འོངས་པའི་འགོ་ཁྲིདཔ་ཟེར་རུང་ ད་རེས་ནངས་པའི་ ན་གཞོན་ཆ་ཁྱབ་ཨིན་ཟེར་ན་ ན་
གཞོན་ཚུ་གིས་ རང་གི་ལམ་སྲོལ་དང་ སྐད་ཡིག་ལུ་ སྤྲོ་བ་མ་ལེན་པར་ ཕྱི་རྒྱལ་གྱི་ལམ་སྲོལ་དང་ ཁ་
སྐད་འདི་ལུ་རང་ སྤྲོ་བ་བསྐྱེད་སྡོད་པ་ཅིན་ ལོག་ཤུལ་ལས་ མ་འོངས་པ་ལུ་ རྒྱལ་ཁབ་རང་བཙན་གྱི་གནས་
སྟངས་ ག་ཅི་བཟུམ་ཅིག་ནང་ཐུག་ནི་ཨིན་ན་ མནོ་བསམ་སྦོམ་གཏང་དགོ་འདུག་ཟེར་ཞུ་ནི།
དེ་མ་ཚད་ སྤྱི་འབྲུག་པའི་མི་སེར་ག་ར་འབད་རུང་ ང་གིས་རྫོང་ཁ་མི་ཤེས་ལོ་ འདི་རྫོང་ཁའི་གསར་ཤོག་
ཨིན་མས་ ང་རྫོང་ཁ་ལྷག་ནི་མེད་ལོ་ཟེར་ ད་ལྟོ་ལས་རང་ རྒྱལ་ཁབ་དང་ མི་སེར་ཚུ་ ཐ་དམ་ཚིག་དང་ བརྩི་
མཐོང་མེད་པའི་ལོ་རྒྱུས་དང་ འབྲུག་པ་གིས་འབྲུག་པ་ བློ་བཙོང་ནི་གི་གཏམ་ཚུ་བཤད་སྡོད་ནི་མེན་པར་ ང་
བཅས་ག་ར་ལགཔ་གཅིག་ཁར་མཐུད་དེ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཡར་ངོའི་ཟླ་བ་བཞིན་དུ་ གོང་
འཕེལ་གཏང་གེ་ཟེར་ཞུ་ནི།
ད་རེས་ནངས་པའི་ ན་གཞོན་ཆ་ཁྱབ་རང་འབད་རུང་ ཕྱི་རྒྱལ་གྱི་སྐད་ཡིག་དང་ ལམ་སྲོལ་ལུ་རང་ སྤྲོ་
བ་བསྐྱེད་མ་སྡོད་པར་ ང་བཅས་རའི་ལམ་སྲོལ་དང་ སྐད་ཡིག་ལུ་ཡང་ སྤྲོ་བ་ག་དེ་དྲག་དྲག་བསྐྱེད་གནང་
ཟེར་ཞུ་ནི།
དེ་མ་ཚད་ གཞུང་རང་འབད་རུང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་གོང་འཕེལ་གཏང་ནི་ལུ་ གཙོ་བོ་བཏོན་པ་
ཅིན་ འཕྲལ་ཕུག་༢ ཀྱི་དོན་ལུ་ ཕན་ཐོགས་བྱུང་ནི་མས་ཟེར་ཞུ་ནི།
དེ་བཟུམ་སྦེ་ སློབ་གྲྭ་ཚུ་ནང་འབད་རུང་ ཆོས་ཚན་ མང་ཤོས་ཅིག་ ཨིང་སྐད་ནང་མ་གཏོགས་ རྫོང་ཁ་གི་
ཆོས་ཚན་དག་པ་ཅིག་ལས་བརྒལ་མེདཔ་ལས་ ཤེས་རིག་གི་ལམ་ལུགས་འདི་ཡང་ དུམ་གྲ་ཅིག་འགྱུར་
བཅོས་འབད་བ་ཅིན་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཞུ་ནི།
དེ་འབདཝ་ལས་ ཐབས་དང་ གནས་སྐབས་སྣ་ཚོགས་བཏོན་ཐོག་ལས་ ང་བཅས་རའི་རྒྱལ་ཡོངས་སྐད་
ཡིག་རྫོང་ཁག་འདི་ ག་དེ་དྲག་དྲག་ཅིག་ གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདུག་ཟེར་
ཞུ་ནི།
བཀྲིན་ཆེ།

འཛིན་སྐྱོང་མདོ་ཆེན་་་་ སངས་རྒྱས་དབང་འདུས།
བཀོད་ཁྱབ་རྩོམ་སྒྲིག་པ་་་་ བློ་བཟང་རྡོ་རྗེ།
བཟོ་བཀོད་པ་་་ གྲུབ་ཐོབ་དབང་འདུས།
ཚོང་འབྲེལ་འགོ་དཔོན་་་ ཐུགས་རྟེན་རྡོ་རྗེ།

ཐིམ༌ཕུག་ཁྲོམ༌དཔོན་གྱི་གཙོ་རིམ།

བྲིས༌མི༌༌༌ དཀོན༌མཆོག༌ཚེ༌རིང༌། 

དེ་བཟུམ་སྦེ་ གཙོ་རིམ་༢ པ་འདི་
ཐིམ་ཕུག་ལུ་ འཐུང་ཆུ་མ་ལང་པའི་དཀའ་
ངལ་སེལ་ནི་འདི་ཨིནམ་ལས་ དེ་གི་དོན་
ལུ་ཡང་ ལཱ་ཚུ་ འགོ་བཙུགས་དོ་ཟེར་
ཨིན་པས།
དཔེར་ན་ ཐིམ་ཕུག་གི་ས་གནས་ མུ་
ཏིག་ཐང་དང་ འབྱུང་གཞི་ནང་ རྟ་བབས་
ཅང་ཟམ་ཏོག་ཚུ་གི་དོན་ལུ་ ཆུ་གི་རྐ་
ངོས་འཛིན་འབད་ཡོདཔ་མ་ཚད་ ཆུ་གི་
དཀའ་ངལ་སེལ་ནི་གི་དོན་ལུ་ མ་དངུལ་
ཡང་ས་ཡ་༣༠ དེ་ཅིག་ ཐིམ་ཕུག་གི་ས་
གནས་བྱང་དང་ ནུབ་ཕྱོགས་ཁ་ཐུག་གི་
དོན་ལུ་ བཞག་ཡོདཔ་ཨིན་པས།
དེ་མ་ཚད་ གཙོ་རིམ་༣ པ་ ཐིམ་ཕུག་
ཁྲོམ་འདི་ ཧེ་མ་བ་ལྷགཔ་འབད་ རྒྱ་
སྐྱེད་གཏང་ནི་གི་དོན་ལུ་ འཆར་གཞི་དེ་
ཚུ་ རྩོམ་པའི་བསྒང་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ས་ཐིམ་ཕུག་
ལུ་ དཀའ་ངལ་ཅིག་ སྣུམ་འཁོར་མ་ཤོང་
པའི་དཀའ་ངལ་འདི་ཨིནམ་ལས་ ཁོ་གི་
གཙོ་རིམ་༤ པ་ སྣུམ་འཁོར་མ་ཤོང་པའི་
དཀའ་ངལ་སེལ་ནི་ལུ་ཡང་ འཆར་གཞི་
ཚུ་ རྒྱ་ཆེ་དྲགས་འབད་རང་རྩོམ་དོ་ཟེར་
ཁྲོམ་དཔོན་གྱིས་བཤདཔ་ཨིན་པས།
དེ་ཡང་ ཕྱི་རྒྱལ་གྱི་ཁྲོམ་བཟུམ་སྦེ་
སྣུམ་འཁོར་བཞག་སའི་ས་ཁོངས་ཚུ་
རྒྱལ་ཁབ་ནང་ལུ་ དམངས་གཙོའི་
ལམ་ལུགས་དང་འཁྲིལ་ཏེ་ བར་སྦིས་ས་
ལས་ཨིན་མི་ སྐྱེས་ལོ་༤༡ ལང་མི་ ཀུན་
ལེགས་རྡོ་རྗེ་འདི་ ད་རེས་ འགོ་དང་པ་
ཐིམ་ཁྲོམ་གྱི་ཁྲོམ་དཔོན་སྦེ་ བཙག་འཐུ་
གྲུབ་ཡོདཔ་ཨིན་པས།
ཁོ་གིས་ མདང་ཞག་ ཁྲོམ་དཔོན་
བཙག་འཐུ་གི་དོན་ལུ་ སྐུལ་བསྒྲགས་
འབད་བའི་སྐབས་ ཁས་བླངས་འབད་
ཡོད་མི་ཚུ་ ད་ལས་ཕར་ གྲུབ་ཐབས་
ལུ་ ད་རེས་ནངས་པར་ འཆར་གཞི་
དང་ ལས་རིམ་ཚུ་ རྩོམ་པའི་བསྒང་རང་
ཡོདཔ་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་
ཁོ་གི་གཙོ་རིམ་དང་པ་ར་ ཐིམ་ཕུག་
ཁྲོམ་སྡེ་ལས་འཛིན་གྱི་ཡིག་ཚང་འདི་
ད་རེས་བཟུམ་སྦེ་ ཕར་ཚུར་ཁ་བཀྲམ་
ཏེ་མེན་པ་ ས་ཁོངས་གཅིག་ནང་རང་
ཞབས་ཏོག་སྤྱོད་ནི་གི་དོན་ལུ་ བྱ་སྟབས་
བདེ་ཏོག་ཏོ་བཟོ་ནི་འདི་ཨིནམ་ལས་ ལཱ་
དེ་ཡང་ འཕྲལ་མགྱོགས་ར་ འགོ་བཙུག་
ནི་ཟེར་ཨིན་པས།
དེ་ཡང་ མི་སེར་ཚུ་ལུ་ ཞབས་ཏོག་
མཐུན་རྐྱེན་ཚུ་ ག་དེ་མགྱོགས་མགྱོགས་ཡང་ ཁྱིམ་བཟུམ་སྦེ་ ཐོག་༤ དང་
༥ དེ༌རེ་རྐྱབ༌ནི༌གི༌འཆར༌གཞི༌རྩོམ་དོ་
ཡོདཔ༌ཨིན༌པས།
དེ་བཟུམ་སྦེ་ མི་ལེ་ཤ་ཤོང་ཚུགས་པའི་
ཁྲོམ་སྡེའི་འགྲུལ་འཁོར་བཱསི་གཉིས་
གསུམ་དེ་ཅིག་ མཁོ་སྒྲུབ་འབད་ནི་གི་
འཆར་གཞི་ཡོདཔ་ཨིན་པས།
དེ་ལས་ གཙོ་རིམ་ཅིག་ ཕྱགས༌
སྙིགས༌ཀྱི་དཀའ་ངལ་འདི་ཨིནམ་ལས་
ཟླཝ༌༣ དེ་ཅིག་གི་རིང་ལུ་ གྲོང་སྡེ་ལས་
འཛིན་གྱི་ཁ༌ཐུག༌ལས་ ཐིམ་ཕུག་གི་མི༌
དེ་ཚུ་ལུ་ ཕྱགས༌སྙིགས༌དང་འབྲེལ་བའི་
གོ༌བརྡ་ཚུ་སྤྲོད་ནི་ཨིནམ་མ་ཚད་ ཕྱགས་
སྙིགས་བཀོ་ནི་གི་ཧོད་རེ་ཡང་ མི་མང་ལུ་
བཀྲམ་སྤེལ་འབད་ནི་ཨིན་པས།
དེ་འབདཝ་ད་ ཕྱགས་སྙིགས་བླུགས་
སའི་ཧོད༌གཉིས༌རེ་འོང་དགོཔ༌ལས་
གཅིགཔ་འདི༌ རང༌རང་སོ་སོའི་ཉོ་དགོཔ་
ཨིན་པས།
དེ་སྦེ་ ཧོད༌༢ དགོ༌མི༌དེ་ཡང་ ཕྱགས༌
སྙིགས༌རུལ༌བཏུབ༌མི༌དང༌ མ༌བཏུབ་མི་
ཚུ་ དབྱེ་བ་ཕྱེ་སྟེ་ སོ་སོར་འབད་བླུགས་
དགོ་ནི་འདི་གིས་ཨིན་པས།
དེ༌ཡང༌ ཟླཝ༌༣ གྱི༌ཤུལ༌ལུ་ མི༌
འདི༌ཚུ༌གིས༌ ཕྱགས་སྙིགས་ཚུ་ དབྱེ་
བ་མ་ཕྱེ་བ་ ག་ར་སླ་བསྲེ་འབད་བླུགས་
ཡོད་པ་ཅིན་ ཕྱགས་སྙིགས་དེ་ཚུ་ གྲོང་
སྡེ་ལས་འཛིན་གྱིས་ ལེན་མི་འབག་ཟེར་
ཨིན་པས།
དེ་མ་ཚད་ ཕྱགས་སྙིགས་འབག་མི་
སྣུམ་འཁོར་༡༣ ཡོད༌མི༌ཚུ་ཡང་ དུས་
ཚོད་ ག་དེ་ཅིག་ཁར་ ཕྱགས་སྙིགས་
ལེན་པ་འོང་ནི་ཨིན་ན་ དེ་ཚུ་ཡང་ མི་
མང་ལུ་ གསལ་བསྒྲགས་འབད་འོང་ཟེར་
ཨིན་པས།
ག་དེ་ཅིག་འབད་ ད་ལས་ཕར་ ཕྱགས་
སྙིགས་ག་ལྷོད་བཀོ་བ་ཅིན་ ཉེས་ཆད་དེ་
ཚུ་ཡང་ ཡངས་ཆག་མེད་པར་ བཀལ་
ནི་ཨིན་པས། དེ་གི་དོན་ལུ་ ཁྲིམས་
སྲུང་འགག་པ་དང་ བློ་སླབ་ཞིནམ་
ལས་ དབང་ཚད་ཁོང་ལུ་སྤྲོད་ནི་ཨིནམ་
ཚད་ ལཱ་གཡོག་མ་ཐོབ་པ་སྡོད་མི་ ན་
གཞོན་ཚུ་ལུ་ཡང་ ཉེས་བྱ་བཀལ་མིའི་
ནང་ གཡོག་གི་གོ་སྐབས་ཚུ་ བྱིན་ནི་གི་
འཆར་གཞི་ཡོདཔ་ཨིན་པས།
ཐིམ་ཕུག་ཚོད་བསྲེ་ཁྲོམ་ཁར་ བདུན་
ཕྲག་༡ ནང་ལུ་ ཉིནམ་༦ སྒོ་ཕྱེ་སྟེ་བཞག་
ནི་དང་ ཉིནམ་༡ འཕྱག་བདར་རྐྱབ་ནི་གི་
དོན་ལུ་ ངལ་གསོ་འབད་བཞག་ནི་ལུ་
ཐིམ༌ཕུག་ཁྲོམ༌དཔོན་གྱི་གཙོ་རིམ།
སོ་ནམ་ལྷན་ཁག་དང་གཅིག་ཁར་ གྲོས་
བསྟུན་གནང་ནི་གི་འཆར་གཞི་ཡོདཔ་
ཨིན་པས།
འདི་གིས་འབད་ ཁྲོམ་ལམ་བདའ་
སྟེ་ ཚོད་བསྲེ་བཙོང་སྟེ་སྡོད་མི་ཆ་ཁྱབ་ཀྱི་
དཀའ་ངལ་ཡང་ མར་ཕབ་རྐྱབ་ཚུགས་
པའི་རེ་བ་ཡོད་ཟེར་ ཁྲོམ་དཔོན་ཀུན་
ལེགས་ཀྱིས་བཤད་ཅི།
ཐིམ་ཕུག་ལུ་ ད་རེས་ནངས་པར་
དཀའ་ངལ་ཅིག་ ཁྱིམ་ཐོབ་མ་ཚུགས་
པའི་དཀའ་ངལ་འདི་ཨིནམ་ལས་ གཞུང་
གིས་ ཁྱིམ་རྐྱབ་མ་ཚུགས་ཏེ་འབད་རུང་
སྒེར་སྡེ་གིས་ ཁྱིམ་༢༠༠ ལྷགཔ་ཅིག་
རྐྱབ་དོ་ཡོདཔ་ལས་ འཕྲལ་མགྱོགས་
ར་ དཀའ་ངལ་དེ་ སེལ་ཚུགས་པའི་རེ་བ་
ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།